法王如意宝介绍朗舞
【迎请圣尊之金刚舞】
གླིང་བྲོ་བདེ་ཆེན་རྡོ་རྗེའི་རོལ་མོ་བཞུགས་སོ།
岭(朗)卓 · 大乐金刚妙音舞
金刚舞是甚深大法,此舞法门广大、遍布虚空、不可胜数。现在弘扬的这支金刚舞,也叫岭(朗)舞,全名为岭(朗)卓·大乐金刚乐音舞。此金刚舞基本程式为四章,缺一不可。这是因为舞蹈本身的结构和它所表达内容的连贯性所决定的。每一章具有不同的象征意义。每章之间有紧密的联系,如同藏传佛教中的一些仪轨一样,表演朗卓舞蹈首先要讲究其完整性。
第一章迎请舞,包含第一、二节;
第二章礼供舞,包含第三节;
第三章事业舞,包含第四、五、六、七节;
第四章妙音吉祥舞,包含第八节。
《岭舞 | 第一节-迎请舞》
༄༅། ། མི་རྗེ་སེང་ཆེན་ལྷ་ཡི་ནོར་བུ། །
么杰 桑钦 拉耶 诺沃
王者雄师天之珍宝
དགྲ་བླ་ཝེར་མའི་དཔུང་དང་བཅས་ཏེ། །
扎拉 外么 宏当 吉得
战神外儿么众队伍
བག་དྲོ་གཟི་བྱིན་ཐིབས་སེ་བྱོན་ནས། །
瓦卓 则辛 特塞 寻尼
威光灿灿敬请莅临
གཡས་གྲལ་ལྷ་ཡི་བྲོ་ལ་བཞུགས་ཤོག །
义扎 拉耶 卓拉 西效
请入右排天众舞队
ཕོ་རྒྱུད་དཔའ་བའི་བྱིན་ཆེན་ཕོབ་ཤོག །
颇杰 华沃 辛钦 颇效
祈祷男续勇士感应
ཨ་ཧོ་ཡ། ཨ་ཧོ་ཡ།
啊吙呀 啊吙呀
བུ་ཡིས་ཕ་ཆེན་བརྗེད་པ་མི་སྲིད། །
沃义 帕钦 杰巴 么哲
孩儿未曾忘记父尊
ངས་ནི་མི་བརྗེད་གསོལ་བ་འདེབས་སོ། །
尼呢 么杰 所瓦 得所
吾亦如是时刻祈祷
ཡིད་ལ་སེང་ཆེན་རྒྱལ་པོ་དྲན་ནས། །
耶拉 桑钦 加波 占尼
时常思念雄师大王
རྐང་པའི་བྲོ་དང་ལག་པའི་གར་སྟབས། །
刚波 卓当 拉波 嘎达
扬臂踏足翩翩起舞
ངག་གི་གདུང་དབྱངས་ལྷང་ལྷང་སྒྲོགས་ན། །
锕格 东扬 朗朗 卓纳
唱起悦耳妙音之歌
མཁྱེན་པའི་ཉི་མ་གསལ་བའི་ལྷ་སྲས། །
钦波 涅玛 萨沃 拉这
智如亮丽阳光王者
བརྩེ་བའི་ཟླ་བ་རྒྱས་པའི་མི་རྗེ། །
哉沃 拉瓦 吉波 么杰
悲似十五圆月天子
བྱིན་རླབས་གློག་ལྟར་མྱུར་བའི་སེང་ཆེན། །
辛拉 洛达 涅沃 桑钦
加持闪电般的雄师
སྐུ་རྗེ་དོན་གྲུབ་ཝེར་མ་དཀར་པོ། །
格杰 顿哲 外玛 嘎波
事成大王白色外玛
འཛུམ་པའི་ཞལ་རས་སྟོན་ལ་བྱོན་ཤོག །
怎波 夏瑞 顿拉 寻效
面露微笑祈请降临
སྙན་པའི་གསུང་དབྱངས་སྒྲོགས་ལ་བྱོན་ཤོག །
年波 松扬 卓拉 寻效
吐露妙音祈请降临
དགྱེས་པའི་ཐུགས་ཀྱིས་དགོངས་ལ་བྱོན་ཤོག །
吉波 特吉 功拉 寻效
心悦证知祈请降临
བྱིན་རླབས་བརྡ་རྟགས་སྟོན་ལ་བྱོན་ཤོག །
辛拉 达达 顿拉 寻效
现加持表征祈降临
ཕྲིན་ལས་བྱིན་ཆེན་ཕོབ་ལ་བྱོན་ཤོག །
春利 辛钦 颇拉 寻效
事业降福祈请降临
ཨ་ཧོ་ཡ། ཨ་ཧོ་ཡ།
啊吙呀 啊吙呀
ལུས་ངག་ཡིད་གསུམ་མཆོད་པ་འབུལ་ན། །
利锕 耶森 巧巴 波纳
此献身、语、意之供养
མ་གཡེལ་ཐུགས་རྗེས་དགོངས་ཤིག་ནོར་བུ། །
玛耶 特吉 功西 诺沃
切莫舍弃祈赐悲悯
ཕ་ཡིས་བུ་དེ་བརྗེད་པ་མི་སྲིད། །
帕义 沃得 杰巴 么哲
父尊不会遗忘孩儿
མ་བརྗེད་ཡོད་ན་ད་ལྟ་ཕེབས་ཤོག །
玛杰 友纳 达达 佩效
如是之心现请降临
ཕེབས་ནས་བཀྲ་ཤིས་བྱིན་རླབས་མཛོད་ཅིག །
佩尼 扎西 辛拉 作吉
赴此祈赐吉祥加持
ཨ་ཧོ་ཡ། ཨ་ཧོ་ཡ།
啊吙呀 啊吙呀
《岭舞 | 第七节-事业舞》
༄༅། ། ལག་གཡས་ཐབས་ཆེན་དཔའ་བོའི་ཕྱག་རྒྱ། །
拉义 塔钦 华务 夏加
右手方便勇士手印
རྔམ་རྔམ་ནམ་མཁའི་ཁམས་ལ་གདེངས་སོང་། །
安安 南葵 堪拉 当松
扬起威风举向天空
ལག་གཡོན་ཤེས་རབ་དཔའ་མོའི་ཕྱག་རྒྱ། །
拉云 西RA 华姆 夏加
左手智慧勇母手印
མཛེས་མཛེས་ས་གཞིའི་ངོས་ལ་གཏད་སོང་། །
贼贼 萨西 乌拉 达松
展示优美朝向大地
རྐང་པ་གཡས་གཡོན་སྟོང་ཉིད་སྙིང་རྗེ། །
刚巴 义云 东涅 酿杰
左右双足空性悲心
ལྡེམ་ལྡེམ་གཡོ་བའི་བྲོ་ར་འགྲིགས་སོང་། །
殿殿 友沃 卓RA 哲松
翩翩摇曳整齐舞步
རོ་སྟོད་དགྱེ་དགུ་གཡུ་འབྲུག་འཁྱུག་འགྲོས། །
若多 杰格 耶哲 其珠
上身仰俯宛若龙游
རྐང་པ་དམར་ཡག་སྟག་གི་མཆོང་སྟངས། །
刚巴 玛雅 达格 琼当
双足雀行犹如虎跃
ལག་པ་ཁྱུང་ཆེན་གཤོག་པའི་ལྡིང་སྟབས། །
拉巴 琼钦 效波 当达
双手舞似大鹏展翅
མགོ་བོ་སེང་གེ་རྔམ་པའི་ལྟ་སྟངས། །
果卧 桑给 安波 达当
头若雄师威光四射
ཝེར་མ་ལུས་ལ་ཆགས་པའི་སྒྱུ་རྩལ། །
外玛 利拉 恰波 杰匝
战神外玛附身舞者
ཁམས་གསུམ་ཟིལ་གནོན་བྲོ་ཡི་སྟབས་ཀྱིས། །
堪森 则嫩 卓耶 达吉
威震三界舞蹈步调
མི་འདོད་དགྲ་བདུད་ཆམ་ལ་ཕབ་སོང་། །
么多 扎德 千拉 帕松
降伏一切有害敌魔
མི་འདོད་དགྲ་བདུད་ཆམ་ལ་ཕབ་སོང་། །
么多 扎德 千拉 帕松
降伏一切有害敌魔
གཡས་བསྐོར་ཕོ་རྒྱུད་དཔའ་བོའི་དཔའ་དར། །
义果 颇杰 华务 华达
右转男续勇士旌旗
གཡོན་སྐོར་མོ་རྒྱུད་དཔའ་མོའི་དཔའ་སྐྱེམས། །
云果 摩杰 华姆 华金
左转女续勇母敬杯
བྲོ་ཡི་རོལ་རྩེད་དེ་རིང་ངོམས་ན། །
卓耶 若哉 得让 噢纳
今日展示优美舞蹈
དགྲ་བླ་དགྱེས་པའི་དབུ་འཕང་བསྟོད་ཅིང་། །
扎拉 吉波 沃旁 多将
赞颂战神悦意威望
ཝེར་མ་དགའ་བའི་ངོ་སོ་མཐོ་བའི། །
外玛 嘎沃 噢所 拓沃
赞颂外玛悦意声誉
དགའ་སྟོན་བྲོ་གར་རྟེན་འབྲེལ་འདི་ཡིས། །
嘎顿 卓嘎 定这 德义
此献欢喜舞蹈缘起
རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་རྒྱས་ཤིང་། །
加堪 永拉 扎西 吉香
祝福世界遍满吉祥
འདིར་འཚོགས་ཡོངས་ལ་དགེ་ལེགས་འཕེལ་ཤོག །
德措 永拉 给拉 佩效
愿在座大众增善妙
ཕྱོགས་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ། །
效力 南巴 加沃 定这
周遍如意胜利缘起
དེ་རིང་ལྷུན་གྱིས་འགྲིག་པར་ཤོག་ཅིག །
得让 楞吉 哲巴 效吉
愿今日成良好缘起
ཨ་ཏེ་ཧོ། ཨ་ཏེ་ཧོ།
啊得吙 啊得吙
如果有有缘人有其它六节金刚舞的资料请留言告知。
回向偈
文殊师利勇猛智, 普贤慧行亦复然。
我今回向诸善根, 随彼一切常修学。
三世诸佛所称叹, 如是最胜诸大愿。
我今回向诸善根, 为得普贤殊胜行!